BPD Office, April 2, 2025
Benchen Phuntsok Dargyeling likes to annouce the Tsechu Puja & Ritual Dance 2025, please click images below to enlage.
ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་ནི་གུ་རུ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་དུས་ཆེན་དང་མ་དང་མཁའ་འགྲོ་འདུ་བའི་སྐབས་ཡིན་པས། དུས་དེ་རྣམས་སུ་དུས་མཆོད་བཟུང་ནས་གསོལ་འདེབས་བྱེད་ན། ནང་དུ་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གསུམ་འདུ་བ་ངོ་མཚར་ཅན་གྱི་རྟེན་འབྲེལ་ལས། རྣམ་བཞིའི་འཕྲིན་ལས་ཀུན་ལ་དབང་འབྱོར་ཞིང་། ཆར་ཆུ་དུས་སུ་འབེབས་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། ནད་ཡམས་མུ་གེ་འཁྲུག་རྩོད་ཐམས་ཅད་མངོན་སུམ་དུ་ཞི་བ་ཡིན་ཏེ། བླ་མ་གསང་འདུས་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་ཞལ་གྱིས་བཞེས་པས་སོ།།
Tsechu, or the Tenth Day, is the sacred occasion commemorating Guru Rinpoche’s enlightened deeds and the assembly of dakinis. By observing ritual offerings and prayers during these times, a profound connection awakens within the vajra body through the channels, winds, and essences. This bestows complete mastery over the four enlightened activities, ensures timely rains, abundant prosperity, and the pacification of all disease, strife, and discord.
As the Lama Sangdü proclaims:
"On the tenth day of the Monkey Month and every tenth day,
My emanations pervade the world, granting supreme and ordinary attainments."
Please remember the upcoming Rinchen Terdzö: