Happy Birthday!

Benchen Monastery, June 26, 2021

We Benchen Community would like to wish your Holiness, A Very Happy 36th Birthday with prayers that your life may be long and healthy and that all your aspirations will be spontaneously fulfilled. 

དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་འགྲོ་མགོན་བཀའ་བརྒྱུད་བསྟན་པའི་གཙུག་ནོར་ཞྭ་ནག་ཅོད་པན་འཆང་བ་སྐྱབས་མགོན་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་བསྟན་འཛིན་ཀུན་ཁྱབ་དབང་གི་རྡོ་རྗེ་མཆོག །བོད་ལུགས་དགུང་གྲངས་སོ་བདུན་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་འདིར། གུས་བན་ཆེན་དགོན་པའི་བླ་གྲྭ་ཐུན་མོང་ནས་སྒོ་གསུམ་གུས་ཕྱག་དང་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། མགོན་པོ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་པ་མཐའ་དག་ལྷུན་གྱིས་འགྲུབ་ཅིང་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་མགོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་གསོལ་འདེབས་ཤུགས་དྲགས་དང་བཅས། སྐུ་པར་མཐོང་འགྲོལ་རིན་པོ་ཆེའི་མདུན་གནས་བརྟན་ཕྱག་མཆོད་ཀྱི་ཆོ་ག་དང་བཅས་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་དང་མནྜལ་རྟེན་གསུམ་འདེགས་འབུལ་བཅས་ཞུས།། །། 

 

Click to watch video Karmapa Birthday Celebration in benchen Monastery on Goggle drive