Benchen Monastery, June 26, 2020

༧ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན། མཉམ་མེད་དྭགས་པོ་བཀའ་བརྒྱུད་པའི་བསྟན་པའི་མངའ་བདག་ཆེན་པོ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཞེས་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས། རྩོད་ལྡན་ཚེ་ལོ་བརྒྱ་པའི་འགྲོ་བ་ཡོངས་ལ། ཐུགས་རྗེས་མ་བཟོད་མི་མཇེད་འཇིག་རྟེན་གྱི་ཁམས་སུ། རབ་བྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་མཐུ་ཕྲིན་ལས་གཅིག་ཏུ་འདུས་པའི་མིའི་རོལ་གར་གསང་གསུམ་མཚན་དཔེའི་མཆོག་སྐུ་གསར་དུ་བཞེས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར། རང་དགོན་ལོ་ལྟར་གྱི་སྒྲུབ་པ་གཅོད་ཚོགས་ཡོན་ཏན་ཀུན་འབྱུང་ཚོགས་དབུས་ནས། ༧མགོན་པོ་གང་ཉིད་ཀྱི་སྐུ་པར་མཐོང་གྲོལ་ཆེན་མོའི་སྐུ་མདུན་དུ། ༧བཤད་སྒྲུབ་བསྟན་པའི་མཛེས་རྒྱན་༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་དབུས། ༧སྐྱབས་རྗེ་བསྟན་དགའ་རིན་པོ་ཆེ་གཙོས་པའི་བན་ཆེན་བླ་གྲྭ་མཐུན་མོང་ནས། དད་གུས་སྤྲོ་གསུམ་གྱི་སྒོ་ནས་གནས་ལྔ་ས་ལ་ཕབ་སྟེ། ༧མཁའ་མཉམ་བསྟན་འགྲོའི་དཔལ་མགོན་མཚུངས་མེད་༧སངས་རྒྱས་ཀརྨ་པའི་གསང་གསུམ་མཚན་པའི་དཀྱིལ་འཁོར་གཟི་བྱིན་རབ་ཏུ་འབར་ཞིང་སྐུ་ཚེ་རྡོ་རྗེའི་རང་ཁམས་སུ་བརྟན་པ་དང་། སྐྱབས་མེད་འགྲོ་བ་ཡོངས་ལ་ཕན་བདེའི་འབྱུང་གནས་དམ་ཆོས་བདུད་རྩིའི་ཆར་ཆེན་རྟག་ཏུ་བསྙིལ་བའི་གསོལ་བ་འདེབས་རྟེན་ལྷ་རེག་དྲི་མ་མེད་པས་སྣ་དྲངས་ཏེ་མནྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་བཞིན་པ་བརྙན་འཕྲིན་གྱི་ལམ་ནས་དད་ལྡན་སྐྱེ་བོ་ཀུན་གྱི་སྤྱན་ལམ་དུ་འབུལ་བ་ལགས་ན་དགྱེགས་གཟིགས་ཡོད་པ་ཞུ།།

In the midst of the annual Chöd Ganacakra Feast, Benchen Monastic Community celebrates the 35th Birth Anniversary of His Holiness the Gyalwang Karmapa. On this auspicious and joyous occasion, His Eminence Sangyes Nyenpa Rinpoche, along with Yangsi Tenga Rinpoche and the members of Benchen Monastic Community, pay respect before the enthroned image of His Holiness the Karmapa and offer a mandala and the three-fold representations of Buddha’s enlightened body, speech and mind for the long life of His Holiness. “May your life be as indestructible as a vajra. May you continue to turn the wheel of Dharma. May your noble wishes and aspirations be fulfilled! May you illuminate the world with peace and harmony!”

Please watch video on Youtube.com

At the same time Benchen Shedra in Pharping, Nepal, celebrates the Anniversary of HH Karmapa.
There are some nice picture on Facebook